Notification Period:
04 February 2021
To
14 February 2021

 ཐིམ་ཕུག་ཁྲོམ་སྡེའི་འོག་ལུ་ཡོད་པའི་རྒྱུ་ནོར་དང་ས་གཞི་གི་སྦྱིན་བདག་ཚུ་ལུ་ཁྱབ་བསྒྲགས་འབད་མི་ནང་བདུན་ཕྲག་༢་གི་ཡུན་སེང་དུས་ཚོད་དབྱིན་ཚེས་༡༤་ཚུན་བྱིན་མི་འདི་༢༠༢༠་ལོའི་ རང་སོའི་རྒྱུ་ནོར་གྱི་ཁྲལ་ཚུ་སྤྲོད་ནི་འདི་མཇུག་བསྡུ་ནིའི་དོན་ལུ་ཨིན། སྦྱིན་བདག་ལ་ལུ་གི་ཆད་སྤྲོད་ཡོད་མི་ཚུ་ཤུལ་མ་ལོའི་ཁྲལ་ནང་ལུ་སྙོམས་སྒྲིག་འབད་ནི་ཨིན། ག་དེམ་ཅིག་འབད་རང་སོའི་ཁྲལ་ཚུ་ དུས་ཚོད་ཁར་སྤྲོད་དེ་མཇུག་མ་བསྡུ་བ་ཅིན་འདི་ལུ་ཉེས་ཆད་ ལོ་བསྟར་བརྒྱ་ཆ་༢༤་བཀལ་ནི་ཨིན། . སྦྱིན་བདག་ཚུ་གི་ཁྲལ་ཚུ་MBOB དང་Thromde Service Plus་ཚུ་ལག་ལེན་འཐབ་སྟེ་སྤྲོད་ནི་དང་ང་བཅས་ཀྱི་དངུལ་རྐྱང་དང་དངུལ་འཛིན་གྱི་ཐོག་ལས་ཡང་ལེན་ནི་ཡོད་ཟེར་ཞུ་ནི།.