Notification Period:
12 April 2022

ཐིམ་ཕུག་ཁྲོམ་སྡེ་ནང་འཁོད་ཡོད་མི་སའི་ཇོ་བདག་ཚུ་ལུ འབྲུག་གློག་མེད་ལས་འཛིན་གྱི་ཁ་ཐུགས་ལས་ཞུ་བ་ཕུལ་མི་ནང ཁང་ཁྱིམ་རང་སོའི་གློག་ཚད་སྤེལ་འཕྲུལ་གཞི་བཙུགས་འབད་ཐབས་ལུ གཞུང་ས་དགོ་པའི་ཞུ་བ་ཕུལཝ་ཨིན་མས། དེ་འབདཝ་ལས་ ཇོ་བདག་ཚུ་གི་རང་སོའི་ཁང་ཁྱིམ་གྱི་བཟོ་བཀོད་ཀྱི་གནང་བ་ལེན་པའི་སྐབས་ འབྲུག་གློག་མེད་ལས་འཛིན་གྱི་བཀོད་འདི་ཡོད་མི་ཉོག་མེད་ཀྱི་ཡིག་གུ་འདི་དང་འབྲེལ་གཏུག་འབད་གནང་ཟེར་ཨིན་མས། ཧེ་མ་འབད་བ་ཅིན་ཁང་ཁྱིམ་རང་ར་སོ་སོའི་ གློག་ཚད་སྤེལ་འཕྲུལ་དགོཔ་འབད་ཡོད་མི་ཚུ ཐོ་བཀོད་འབད་ཡོད་མི་སའི་གྲངས་སུ་བཙུགས་དགོཔ་སྦེ་ཡོད་མི་འདི ད་ལྟོ་ཡང་ལག་ལེན་འཐབ་སྟེ་ཡོདཔ་ཨིན། འདི་ཡང་ག་ཅི་འབད་ཟེར་བ་ཅིན་གཞུང་ས་གི་གྱངས་ཁ་ཉུང་སུ་ཡོདཔ་ལས་ཨིན་མས། 

དེ་འབདཝ་ལས་ཁྲོམ་སྡེ་གི་སའི་ཇོ་བདག་ཚུ་ལུ རང་སོའི་ཁང་ཁྱིམ་ནང་གློག་ཚད་སྤེལ་འཕྲུལ་སོ་སོ་འབད་དགོ་མི་ཚུ ཐོ་བཀོད་འབད་ཡོད་མི་སའི་ནང་འཁོད་ར་བཙུགས་ཏེ་བཀའ་དྲིན་བསྐྱང་གནང། ཁྲོམ་སྡེ་གི་གཞུང་ས་ཚུ་འདི་གི་དོན་ལུ་ལག་ལེན་འཐབ་ནི་གི་གནང་བ་མེད་ཕུལ་ཟེར་བའི་གསལ་བསྒྲགས་འབདཝ་ཨིན།

གོང་གི་གསལ་བསྒྲགས་འདི་ལུ་ག་ར་གིས་དམ་དམ་འབད་གནས་དགོ།

 

ic